| |
| འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། |
| 팍빠꽨촉쑴라 착ㅊ헬로 |
| །འདི་སྐད་བདག་གི་ཐོས་པ་དུས་གཅིག་ན། |
| 디-께 다기툇빠 뒤찍나 |
| བཅོམ་ལྡན་འདས་རྒྱལ་པཱུའི་ཁབ་བྱ་རྒོད་ཕུང་པཱུའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་ |
| 쫌덴데 겔쀄캅자 괘풍쀄릴라 겔롱기 겐뒨첸뽀당 |
| བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། |
| 장춥쎔빼 겐뒨첸보당 탑찍뚜 슉떼 |
| །དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་ |
| 데-ㅊ헤 쫌덴데 삽모낭와 셰자붸 쵀끼남ㄷ랑끼 띵에진라 |
| སྙོམས་པར་ཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སཻམས་དཔའ་ཆེན་པོ་ |
| 뇸빠르슉쏘 양 데-ㅊ헤 장춥쎔빠 쎔빠첸뽀 |
| འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ |
| 팍빠 쩬레시 왕축쎄랍끼 파뢸뚜 친빠 |
| ཟབ་མཱུའི་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་ |
| 삽뮈쬐빠 ㄴ닐라 남빠-따싱 풍뽀 ㅇ아뽀 데닥라양 랑신기 |
| སྟོང་པ་རྣམ་པར་བལྟའོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུས་ |
| 똥빠남빠- 따오 데네 쌍게끼 튀ㅊ헤당 덴빠 쌰리-뷔 |
| བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ |
| 장춥쎔빠 쎔빠첸보 팍빠 쩬레시 |
| དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། །གང་ལ་ལ་ཤེས་རབ་ཀྱི་ |
| 왕축라 디-께쩨메쏘 릭끼부 강랄라 쎼랍끼 |
| ཕ་རོལ་ཏུ་ཕྱིན་པ་ཟབ་མཱུའི་སྤྱོད་པ་སྤྱད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ། |
| 파뢸뚜 친빠 삽뮈쬐빠 쬐빠- 됟빠데 지따르 랍빠-자 |
| །དེ་སྐད་ཅེས་སྨྲས་པ་དང༌། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ |
| 데-께 쩨메빠당 장춥쎔빠 쎔빠첸뽀 |
| འཕགས་པ་སྤྱྤན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་ |
| 팍빠 쩬레식 왕축기ㅊ헤당 덴빠 쌰-라다 띠-불라 |
| འདི་སྐད་ཅས་སྨྲས་སོ། །ཤཱ་རིའི་བུ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ |
| 디- 께쩨메쏘 쌰리-부 리`끼부암 리`끼부모 강랄라 |
| ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་ |
| 쎼랍끼 파뢸뚜 친빠 삽뫼쬗빠 쩯빠- 됟빠데 |
| འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ་ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་ |
| 디따르 남빠르 따와르자떼 풍뽀 ㅇ아뽀데다`꺙 랑신기 |
| སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། |
| 똥빠르 남빠르양 닥빠르 젯쑤따오 숙똥빠오 |
| །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། |
| 똥빠ㄴ니숙쏘 숙레꺙 똥빠ㄴ니셴마인 |
| །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང༌། |
| 똥빠ㄴ닐레꺙 숙셴마인노 데신두ㅊ호-와당 |
| །འདུ་ཤེས་དང༌། །འདུ་བྱེད་དང༌། །རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཤཱ་རིའི་བུ། |
| 두쎼당 두제`당 남빠-쎼빠남똥빠오 쌰리-부 |
| །དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དེ། །མཚན་ཉིད་མེད་པ། །མ་སྐྱེས་པ། |
| 데따르 최탐쩨 똥빠ㄴ니데 ㅊ헨ㄴ니멛빠 마꼐빠 |
| །མ་འགགས་པ། །དྲི་མ་མེད་པ། དྲི་མ་དང་བྲལ་བ། །བྲི་བ་མེད་པ། །གང་བ་མེད་པའོ། |
| 마각빠 ㄷ리마멛빠 ㄷ리당ㄷ렐와 ㄷ리와멛빠 강와멛빠오 |
| །ཤཱ་རིའི་བུ། །དེ་ལྟ་བས་ན། །སྟོང་པ་ཉིད་ལ་གཟུགས་མེད། །ཚོར་བ་མེད། །འདུ་ཤེས་མེད། |
| 쌰리-부 데따베나 똥빠ㄴ닐라 숙메 ㅊ호-와메 두쎼메 |
| །འདུ་བྱེད་རྣམས་མེད། །རྣམ་པར་ཤེས་པ་མེད། །མིག་མེད། །རྣ་བ་མེད། །སྣ་མེད། |
| 두제남메 남빠-쎼바메 믹메 ^나와메 ^나메 |
| །ལྕེ་མེད། །ལུས་མེད། །ཡིད་མེད། །གཟུགས་མེད། །སྒྲ་མེད། །དྲི་མེད། །རོ་མེད། |
| 쩨메 뤼메 이-메 숙메 ㄷ라메 ㄷ리메 뢰메 |
| །རེག་བྱ་མེད། །ཆོས་མེད་དོ། །མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད། |
| 렉자메 최메도 믹기캄멛빠네 이끼캄메 |
| ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །མ་རིག་པ་མེད། |
| 이끼남빠- 쎼빼 캄끼 바르두양 메도 마릭빠메 |
| །མ་རིག་པ་ཟད་པ་མེད་པ་ནས་རྒ་ཤི་མེད། །རྒ་ཤི་ཟད་པའི་བར་དུའང་མེད་དོ། |
| 마릭빠 섿빠멛빠네 가쒸메 가쒸섿빼바르두앙 메도 |
| །དེ་བཞིན་དུ་སྡུག་བསྔལ་བ་དང༌། །ཀུན་འབྱུང་བ་དང༌། །འགོག་པ་དང༌། །ལམ་མེད། |
| 데신두 둑엘와당 꾼중와당 곡빠당 람메 |
| །ཡེ་ཤེས་མེད། །ཐོབ་པ་མེད། །མ་ཐོབ་པ་ཡང་མེད་དོ། །ཤཱ་རིའི་བུ། །དེ་ལྟ་བས་ན་ |
| 예쎼메 톱빠메 마톱빠양메도 쌰리-부 데따베나 |
| བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ |
| 장춥쎔빠 ^남톱빠멛빼 치-쎼랍끼 파뢸뚜 친빨라 |
| བརྟེན་ཅིང་གནས་ཏེ། །སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དོ། །ཕྱིན་ཅི་ལོག་ལས་ |
| 뗀찡네떼 쎔라ㄷ립빠멛빼 ㄸ락빠메도 친찌록레 |
| ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །དུས་གསུམ་དུ་ |
| 씬뚜데네 ㄴ냐엔레 데빼타르친또 뒷쑴두 |
| རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ |
| 남빠르 슉빼 쌍계탐쩨꺙 쎼랍끼 파뢸뚜 |
| ཕྱིན་པ་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ |
| 친빨라 뗀네 라나메빠양 닥빠-ㅈ혹빼 장춥뚜 |
| མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ |
| ㅇ왠빠- ㅈ혹빠- 쌍계쏘 데따배나 셰랍끼 파뢸뚜 |
| ཕྱིན་པའི་སྔགས། །རིག་པ་ཆེན་པཱུའི་སྔག། །བླ་ན་མེད་པའི་སྔགས། |
| 친빼ㅇ악 릭빼첸쀄ㅇ악 라나멛빼ㅇ악 |
| །མི་མཉམ་པ་དང་མཉམ་པའི་སྔགས། །སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་ |
| 미ㄴ냠빠당 ㄴ냠빼ㅇ악 둑ㅇ엘탐쩨 랍뚜쉬와- |
| བྱེད་པའི་སྔགས། །མི་རྫུན་བས་ན་བདེན་པར་ཤེས་པར་བྱ་སྟེ། |
| 젣빼ㅇ악 미ㅈ훈배나 덴빠- 쎼빠-자떼 |
| །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏད྄ཡ་ཐཱ། |
| 쎼랍끼 파뢸뚜 친빼ㅇ악메빠 따댜타- |
| ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བཱུ་ཌྷི་སྭཱཧཱ། |
| 가떼가떼 빠-라가떼 빠-라쌈가떼 부ㄷ히소하 |